སུད་ སིའི་ རི་ ཁོན་ དུ་ མདོ་ སྨད་ ས་ རྒྱུན་ གྱི་ གོ་ སྒྲིག་ འོག་ ༧གོང་ ས་ མཆོག་ དགུང་ གྲངས་ ༨༠ ཞེས་ པའི་ སྐུའི་ གྱ་ སྟོན་ མཛད་ སྒོ་ ཞིག་ ཚོགས་ ཡོད་ འདུག
ཕྱི་ ཟླ་ ༤ ཚེས་ ༡༢ ཉིན་ སུད་ སི་ ས་ གནས་ མདོ་ སྨད་ རྒྱུན་ ལས་ ཀྱིས་ གོ་ སྒྲིག་ འོག སུད་ སིའི་ རི་ ཁོན་ ནང་ ༧གོང་ ས་ མཆོག་ དགུང་ གྲངས་ བརྒྱད་ བཅུར་ ཕེབས་ པའི་ སྐུའི
་
ཉིན་ དེའི་ མཛད་ རིམ་ གྱི་ ཐོག་ མར་ བསང་ གསོལ་ བཏང་ བ་ དང་ ། རི་ ཁོན་ ཆོས་ འཁོར་ དགོན་ གྱི་ དགེ་ འདུན་ པ་ རྣམས་ ཀྱིས་ གཙོས་ ཞབས་ རིམ་ སྨོན་ ལམ་ གསུངས་ བ། སྐུ་ པར་ མཐོང་ གྲོལ་ རིན་ པོ་ ཆེ་ གདན་ ཞུ། མནྜལ་ རྟེན་ གསུམ་ ཕུལ་ བ་ བཅས་ གྲུབ་ རྗེས། ས་ གནས་ མདོ་ སྨད་ རྒྱུན་ ལས་ ཚོགས་ གཞོན་ དཀོན་ མཆོག་ བཀྲ་ ཤིས་ ལགས་ ཀྱིས་ མཛད་ རིམ་ ངོ་ སྤྲོད་ དང་ ། ས་ གནས་ མདོ་ སྨད་ རྒྱུན་ ལས་ ཚོགས་ གཙོ་ དབང་ རྒྱལ་ ལགས་ ཀྱིས་ དགའ་ སྟོན་ མཛད་ སྒོ་ ངོ་ སྤྲོད་ སོགས་ གནང་ རྗེས། ཆོལ་ ཁ་ གསུམ་ གྱི་ གཞས་ སྣ་ འཁྲབ་ སྟོན་ དང་ ། རྒྱན་ གོས་ འཁྲབ་ སྟོན། བྱིས་ པའི་ འཁྲབ་ སྟོན་ སོགས་ གནང་ སོང་ །
སྐབས་ དེར་ མཛད་ སྒོ་ གོ་ སྒྲིག་ པ་ དང་ ས་ གནས་ མདོ་ སྨད་ རྒྱུན་ ལས་ ཚོགས་ གཙོ་ ཚེ་ རིང་ དབང་ རྒྱལ་ ལགས་ ཀྱིས་ གཏམ་ བཤད་ གནང་ དོན། མདོ་ སྨད་ ཁུལ་ གྱི་ ཡུལ་ སྲོལ་ གོམས་ གཤིས་ ལ་ གྱ་ སྟོན་ གྱི་ འགྲོ་ ལུགས་ ཡོད་ པ་ ལྟར། སུད་ སི་ ས་ གནས་ སུའང་ མཛད་ སྒོ་ ཞིག་ གོ་ སྒྲིག་ ཞུ་ ཐུབ་ ན་ ལེགས་ ཚུལ་ གྱི་ དགོངས་ ཚུལ་ བྱུང་ བ་ ལྟར། དེ་ རིང་ སུད་ སིའི་ ནང་ བཞུགས་ པའི་ ཆོལ་ ཀ་ གསུམ་ གྱི་ མི་ མང་ དགྱེས་ འཛོམས་ གནང་ བ་ ལྟར། དེ་ རིང་ འདིར་ ཆོལ་ ཁ་ གསུམ་ གྱི་ མི་ མང་ ༦༠༠ ལྷག་ ཕེབས་ འདུག ས་ གནས་ མདོ་ སྨད་ མི་ མང་ གིས་ ཐེངས་ འདིའི་ མཛད་ སྒོའི་ ཞལ་ ལག་ རིན་ མེད་ གཏོང་ དགོས་ པའི་ བསམ་ ཚུལ་ བྱུང་ བ་ ལྟར། མཛད་ སྒོའི་ འགྲོ་ གྲོན་ སོགས་ མང་ གིས་ ཞལ་ འདེབས་ ཕུལ་ ཏེ། མི་ མང་ ཡོངས་ ལ་ ཞལ་ ལག་ རིན་ མེད་ བཏང་ པ་ དང་ ། ཉིན་ མོ་ དམིགས་ བསལ་ འདི་ ལ་ མི་ མང་ ཧ་ ཅང་ དགའ་ བོ་ དང་ སྤྲོ་ བོ་ བྱུང་ འདུག ཅེས་ བརྗོད་ སོང་ །

མཛད་ སྒོ་ འདིའི་ ཐོག་ སུད་ སི་ ས་ གནས་ མདོ་ སྨད་ རྒྱུན་ ལས་ གྱི་ འགྲོ་ གྲོན་ དང་ རྩོམ་ སྒྲིག་ བྱས་ པའི་ ༧གོང་ ས་ མཆོག་ དགུང་ ན་ ཕྲ་ དུས་ ནས་ ད་ ལྟའི་ བར་ བོད་ ཀྱི་ བསྟན་ སྲིད་ མི་ རིགས་ ཆེད་ མཛད་ འཕྲིན་ བསྐྱངས་ དང་ སྐྱོང་ བཞིན་ པའི་ འོད་ སྡེར་ ཞིག་ ཀྱང་ འགྲེམ་ སྤེལ་ གནང་ ཡོད་ འདུག
གནས་ ཚུལ་ གཏོང་ མཁན། ཙ་ ཡུས་ ཕུན་ ཚོགས
དུས་བབ་དྲ་བ་ནས།།