དེ་ སྔའི་ ཀན་ སུའུ་ ཞིང་ ཆེན་ འཐབ་ ཕྱོགས་ གཅིག་ གྱུར་ གྱི་ འགན་ འཛིན་ རན་ ཝན་ ཞིང་ ཟེར་ བ་ དེ་ རྒྱ་ ནག་ དབུས་ འཐབ་ ཕྱོགས་ གཅིག་ གྱུར་ ཁང་ གི་ འགན་ འཛིན་ གཞོན་ པར་ བསྐོས་ ཡོད་ འདུག
དེ་ རིང་ རྒྱ་ ནག་ གཞུང་ འབྲེལ་ བརྒྱུད་ ལམ་ ཁག་ ཏུ་ གནས་ ཚུལ་ སྤེལ་ བ་ ལྟར་ ན། དེ་ སྔའི་ ཀན་ སུའུ་ ཞིང་ ཆེན་ གྱི་ རྒྱུན་ ལས་ དང་ འཐབ་ ཕྱོགས་ གཅིག་ གྱུར་ གྱི་ འགན་ འཛིན་ རན་ ཝན་ ཞང་ ཟེར་ བ་ དེ་ རྒྱ་ ནག་ དབུས་ འཐབ་ ཕྱོགས་ གཅིག་ གྱུར་ གྱི་ བློན་ ཆེན་ གཞོན་ པར་ བསྐོ་ བཞག་ བྱས་ ཡོད་ འདུག་ ལ། ཁོ་ ནི་ ༡༩༦༣ ལོའི་ ཟླ་ ༩ པར་ ཀན་ སུའུ་ ཆིང་ ཆེན་ ཧེ་ ཉིན་ རྫོང་ དུ་ སྐྱེས་ ཤིང་ མི་ རིགས་ རྒྱ་ རིགས་ ཡིན་ འདུག
རྒྱ་ ནག་ དབུས་ འཐབ་ ཕྱོགས་ གཅིག་ གྱུར་ ཁང་ གི་ འགན་ འཛིན་ གཙོ་ བོ་ དེ་ ཏུའུ་ ཆིང་ ལིན་ ཞེས་ པ་ ཁོ་ ཡིན་ ཞིང་ ། ཁོ་ ནི་ རྒྱ་ ནག་ དབུས་ དྲུང་ ཆེའི་ སྡེ་ ཁག་ གི་ དྲུང་ ཆེ་ དང་ རྒྱལ་ ཡོངས་ སྲིད་ གྲོས་ ཀྱི་ འགན་ འཛིན་ གཞོན་ པ། རྒྱ་ ནག་ གི་ སྤྱི་ ཚོགས་ དཔལ་ འབྱོར་ ལས་ འཛིན་ ལྷན་ ཚོགས་ ཀྱི་ འགན་ འཛིན་ བཅས་ ཡིན།
༢༠༡༢ ཟླ་ ༩ པའི་ ནང་ དེ་ སྔའི་ རྒྱ་ ནག་ གི་ སྲིད་ འཛིན་ ཧུའུ་ ཅིན་ ཐའོ་ ཡི་ དྲུང་ ཡིག་ ལིན་ ཅི་ ཧྭ་ དབུས་ འཐབ་ ཕྱོགས་ གཅིག་ གྱུར་ གྱི་ འགན་ འཛིན་ དུ་ བསྐོ་ བཞག་ བྱས་ ཡོད་ ཀྱང་ ། ཁོ་ ལ་ ལྐོག་ ཟ་ རུལ་ སུངས་ ཀྱི་ དོགས་ གཞིའི་ འོག་ ༢༠༡༤ ལོའི་ ཟླ་ ༡༢ ཚེས་ ༢༢ ཉིན་ རྒྱ་ ནག་ ཁྲིམས་ ཁྲིམས་ ཞིབ་ བཤེར་ ལྷན་ ཁང་ གིས་ ཞིབ་ བཤེར་ བྱེད་ བཞིན་ ཡོད་ པ་ གསལ་ བསྒྲགས་ བྱས་ ཡོད།
ཀྲུང་ དབྱང་ འཐབ་ ཕྱོགས་ གཅིག་ གྱུར་ ཁང་ ཟེར་ བ་ དེ་ ནི། རྒྱ་ ནག་ གི་ གྲངས་ ཉུང་ མི་ རིགས་ ཁག་ གི་ གནད་ དོན་ ཐོག་ འགན་ འཁུར་ མཁན་ གྱི་ ལས་ ཁུངས་ གཙོ་ བོ་ དེ་ ཡིན་ ལ། དེ་ སྔའི་ བོད་ རྒྱའི་ གནད་ དོན་ ཐོག་ བོད་ པའི་ སྐུ་ ཚབ་ ཚོས་ བཀའ་ མོལ་ གནང་ ཡུལ་ ཡང་ ལས་ ཁུངས་ འདིའི་ མི་ སྣ་ དག་ ཡིན།
དུས་བབ་དྲ་བ་ནས།།

