རྒྱལ་ སྤྱིའི་ གསར་ འགོད་ པ་ སྲུང་ སྐྱོབ་ ལྷན་ ཚོགས་ ཀྱི་ སྙན་ ཐོའི་ ནང་ སྲིད་ གཞུང་ ལ་ ངོ་ རྒོལ་ བྱས་ པ་ སོགས་ ཀྱི་ ཉེས་ མིང་ འོག་ རྒྱ་ གཞུང་ གིས་ ཁྱོན་ གསར་ འགོད་ པ་ ༤༤ བཀག་ ཉར་ བྱས་ ཡོད་ སྐོར་ བསྒྲགས་ འདུག
ཟླ་ འདིའི་ ཕྱི་ ཚེས་ ༢༡ ཉིན་ ཨ་ རིར་ རྟེན་ གཞི་ བྱས་ པའི་ རྒྱལ་ སྤྱིའི་ གསར་ འགོད་ པ་ སྲུང་ སྐྱོབ་ ལྷན་ ཚོགས་ (Committee to protect journalists)ཀྱིས། འཛམ་ གླིང་ རྒྱལ་ ཁབ་ ཁག་ གི་ ནང་ གསར་ འགོད་ པ་ བཀག་ ཉར་ དང་ སུན་ གཙེར་ བཟོས་ པ། དྲ་ རྒྱའི་ བརྒྱུད་ ལམ་ ལ་ སྟངས་ འཛིན་ ནན་ པོ་ བྱས་ པ་ སོགས་ ཀྱི་ ཐོག་ ཞིབ་ འཇུག་ བྱས་ པ་ བརྒྱུད། ༼གསར་ འགྱུར་ རང་ དབང་ གི་ གནས་ སྟངས༽ཞེས་ པའི་ སྙན་ ཐོ་ ཞིག་ ཕྱིར་ བསྒྲགས་ བྱས་ ཡོད་ པ་ དང་ ། སྙན་ ཐོ་ དེའི་ ནང་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ རྒྱལ་ ཁབ་ བཞི་ སྟེ་ རྒྱ་ ནག་ དང་ བྱང་ ཀོ་ རི་ ཡ། ཝེ་ ནམ། ཀོ་ བྷ་ བཅས་ ཀྱི་ གཙོས་ འབར་ མ་ དང་ ཨི་ རག ཨ་ ཛར་ བྷ་ ཇན་ (Azerbaijan)། སོ་ ཌི་ ཨ་ རབ་ བྷི་ ཡ། ཨ་ ཧྥེ་ རི་ ཀའི་ (Eritrea)་ དང་ (Ethiopia)བཅས་ གནས་ སྟངས་ ཚབས་ ཆེ་ ཤོས་ ཀྱི་ རྒྱལ་ ཁབ་ ༡༠ ཡི་ མིང་ ཐེར་ འདོན་ བྱས་ ཡོད་ པ་ དང་ ། འདི་ ལོར་ རྒྱ་ ནག་ ཨང་ རིམ་ ༨ པ་ སྟེ་ གསར་ འགོད་ པ་ བཀག་ ཉར་ བྱེད་ མཁན་ ཚབས་ ཆེ་ ཤོས་ དེ་ ཆགས་ ཡོད་ འདུག
གསར་ འགོད་ པ་ སྲུང་ སྐྱོབ་ ལྷན་ ཚོགས་ དེས་ རྒྱ་ ནག་ ལོ་ བསྟུད་ མར་ མིང་ གཞུང་ དེའི་ ནང་ ཚུད་ པའི་ རྒྱུ་ རྐྱེན་ ཐད། སྙན་ ཐོའི་ ནང་ བཏོན་ པའི་ རྒྱལ་ ཁབ་ གཞན་ ༧ དང་ བསྡུར་ ན། རྒྱ་ ནག་ སྐམ་ ས་ ཆེན་ མོའི་ ནང་ དྲ་ རྒྱའི་ བརྒྱུད་ ལམ་ ཞིབ་ བཤེར་ བྱེད་ པའི་ གནས་ སྟངས་ ཅུང་ ལྷོད་ པོ་ ཡོད་ ཀྱང་ ། འགྲོ་ བ་ མིའི་ ཐོབ་ ཐང་ ལ་ སྣང་ མེད་ རྡོག་ རོལ་ གཏོང་ བཞིན་ ཡོད་ པའི་ རྐྱེན་ གྱིས་ ཨང་ རིམ་ ༨ པ་ དེ་ ཆགས་ ཡོད་ ལ། རྒྱ་ ནག་ ནང་ ཁྱོན་ གསར་ འགོད་ པ་ ༤༤ བཀག་ ཉར་ བཙོན་ འཇུག་ བྱས་ ཡོད་ པ་ དང་ ། དེའི་ ནང་ ནས་ མི་ ༢༩ སྲིད་ གཞུང་ ལ་ ངོ་ རྒོལ་ བྱས་ པའི་ ཉེས་ མིང་ གཡོགས་ ཏེ་ འཛིན་ བཟུང་ བྱས་ འདུག རྒྱ་ ནག་ འཛམ་ གླིང་ ཐོག་ གསར་ འགོད་ པ་ བཀག་ ཉར་ བྱས་ པ་ མང་ ཤོས་ དེ་ ཆགས་ ཡོད་ པ་ མ་ ཟད། དྲ་ རྒྱར་ ནན་ བཤེར་ བྱེད་ པའི་ ཐབས་ ཇུས་ ལག་ བསྟར་ བྱས་ ཏེ། རྒྱ་ ནག་ ནང་ དྲ་ རྒྱ་ བེད་ སྤྱོད་ བྱེད་ མཁན་ གྱི་ མི་ གྲངས་ དུང་ ཕྱུར་ ༦.༤༢ ལྷག་ གིས། ལྟ་ ཚུལ་ མི་ མཐུན་ པའི་ དྲ་ རྒྱ་ དང་ སྤྱི་ ཚོགས་ འབྲེལ་ འདྲིས་ ཀྱི་ བརྒྱུད་ ལམ་ ཁག་ ལ་ ལྟ་ ཀློག་ བྱེད་ པར་ བཀག་ སྡོམ་ བྱེད་ བཞིན་ ཡོད་ པ་ དང་ འབྲེལ། ཕྱིའི་ བརྒྱུད་ ལམ་ ཁག་ ལའང་ སིམ་ འཛུལ་ གྱི་ ལག་ པ་ རྐྱོང་ བཞིན་ ཡོད་ སྐོར་ བརྗོད་ འདུག
ཡང་ ལྷན་ ཚོགས་ དེའི་ སློབ་ སྟོན་ འགན་ འཛིན་ ལྕམ་ ཁོ་ ཊི་ ནི་ ཡིས། ཕྱི་ ལོ་ ༢༠༡༤ ལོ་ གཅིག་ པུའི་ ནང་ འཛམ་ གླིང་ ཐོག་ ཁྱོན་ གསར་ འགོད་ པ་ ༢༢༡ བཙོན་ འཇུག་ བྱས་ ཡོད་ པ་ ལྟར། འདས་ པའི་ ལོ་ ༣ ནི་ གསར་ འགོད་ པར་ ཆེས་ ཉེན་ ཁ་ ཆེ་ བའི་ དུས་ སྐབས་ ཤིག་ སྟེ། གསར་ འགོད་ པ་ དམར་ གསོད་ དང་ བཀག་ ཉར་ བྱས་ པའི་ གྲངས་ འབོར་ ཁོ་ ནས་ ཟིན་ ཐོ་ ཞིག་ བསྐྲུན་ ཡོད་ ལུགས་ དང་ ། ཚོགས་ པ་ དེས་ རོགས་ སྐྱོབ་ བྱས་ པའི་ གྲངས་ འབོར་ ལྟར་ ན། འདས་ པའི་ ལོ་ ༥ ནང་ ཁྱོན་ གསར་ འགོད་ པ་ ༤༠༠ ལྷག་ ཉེན་ གཡོལ་ དུ་ འགྲོ་ དགོས་ བྱུང་ ཡོད་ སྐོར་ སོགས་ བརྗོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས

