རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཆུ་སྒང་མཐོ་རིམ་སློབ་མའི་སློབ་ཡོན་དེ་མུ་མཐུད་མཇུག་སྐྱོང་དགོས།

ཟླ་འདིའི་ཚེས་ཚེས་༢༥ ནས་ཉིན་གསུམ་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་༤༥ པ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་དུ་འཚོགས་ཏེ། རྩིས་ཁྲར་ཞིབ་བཤེར་དང་སྔོན་རྩིས་གཏན་འབེབས། མ་འོངས་ལས་དོན་བྱེད་ཕྱོགས་བཅས་ལ་གྲོས་ཆོད་བཞག་ཡོད་པ་རེད།
ལྷན་ཚོགས་དེའི་ཐོག་༸གོང་ས་གི་སྐུ་ཕྱྭའི་ཉེན་སྲུང་སྐོར་སྔར་ལྷག་ཚགས་ཚུད་དང་། མ་འོངས་ཞབས་རིམ་སྒྲུབ་ཕྱོགས་ཇི་དགེའི་སྐོར། སྐད་ཡིག་རྒྱུན་འཛིན་ཡོང་ཐབས་དང་། མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཚོར་ཆེ་མཐོང་ཡོང་ཐབས་སུ་ས་ར། ཝ་ཎ། སྨན་རྩིས་ཁང་། ནོར་གླིང་བཅས་ཀྱི་མཐོ་རིམ་སློབ་མ་གྲངས་༥ ལ་ལོ་རེར་སློབ་ཡོན་དོད་འབུལ་ཐབས་ལ་འབད་བརྩོན་བྱ་བཅས་ཀྱི་ཐོག་གྲོས་ཆོད་བཞག་ཡོད་པ་རེད།
མི་རབས་རྒན་པ་གུས་ཞབས་དང་ལྟ་སྐྱོང་གལ་ཆེན་དུ་བརྩིས་ཏེ་མི་གྲངས་༡༠༠ ལ་འཚོ་སྣོན་རོགས་སྐྱོར་ཡོང་ཐབས་དང་། བོད་ཀྱི་མི་རབས་གསར་པ་མཐོ་རིམ་སློབ་མ་གྲངས་༦༧ ལ་སློབ་ཡོན་གྱི་དོད་རེ་འབུལ་བཞིན་པ་འདི་སླད་ཆར་མཇུག་སྐྱོང་བྱ་ཐབས་བཅས་ཀྱི་སྐོར་ལ་གྲོས་ཆོད་བཞག་ཡོད་པ་རེད།
བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་འདས་པའི་སྐུ་གཤེགས་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་སོགས་དང་། སྐུ་ལུས་མེར་སྲེག་གནང་མཁན་རྣམ་པ་ཚོས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད། དེ་བཞིན་བྱས་པ་རྗེས་སུ་དྲན་པའི་ཆེད་ས་གནས་ཡག་ས་ཞིག་ལ་རྡོ་རིང་ཞིག་གསར་བཞེངས་གནང་དང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གང་དང་བོད་ཀྱི་སྣོད་བཅུད་བསྟན་སྲིད་དང་བཅས་པའི་ཆེད་རྒྱ་དམར་གྱི་བཙོན་འོག་ཏུ་རྡུང་རྡེག་མནར་གཅོད་འོག་ལུས་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་གྲོལ་ཡོང་ཐབས་དང་། དེ་བཞིན་བཙོན་འོག་ཏུ་ཡོད་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་གཙོས་ཛ་དྲག་ནད་མནར་འགྱུར་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་ལ་དུས་ཐོག་སྨན་བཅོས་ཡོང་ཐབས་སོགས་ཀྱི་ཐབས་དགོས་སྐོར་ལ་གྲོས་ཆོད་བཞག་ཡོད་པ་རེད།
ཉེ་ཆར་བལ་ཡུལ་གྱིས་གཙོས་ཧི་མ་ལ་ཡའི་རི་རྒྱུད་དུ་འབྱུང་བ་ས་གཡོས་པའི་གོད་ཆག་ཁྲོད་མི་ཤི་རྐྱེན་ཆག་ཚབ་ཆེན་བྱུང་པར་གདུང་སེམས་མཉམ་བསྐྱེད་དགོས་སྐོར་དང་། ཆུ་སྒང་དབུས་ས་གཉིས་ཀྱི་ལས་བསྡོམས་ཚགས་ཚུད་དང་རྩིས་ཡག་པོ་ཡོང་ཐབས་བཅས་ཀྱི་སྐོར་ལ་གྲོས་ཆོད་བཞག་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
བང་ཆེན་དྲ་བ་ནས།