རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ལྡི་ལི་བསམ་ཡས་གླིང་དུ་མཆོད་འབུལ་སྨོན་ལམ་ཚོགས་པ།

IMG_9022༄༅། །འདི་གར་ལྡི་ལི་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༨ ཉིན་བཏང་གནས་ནང་འཁོད་དོན།
ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་ས་ཡོམ་གྱི་རྐྱེན་པས་བལ་ཡུལ་གྱི་གཞུང་དང་མི་མང་རྣམས་ལ་གོད་ཆག་ཤུགས་ཆེ་ཕོག་པར་བརྟེན། ཁོང་ཚོར་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ་སླད།
རང་བློས་གང་ཆོད་ཀྱི་ཞལ་འདེབས་བསྡུ་བསྐུལ་དང་ལས་དོན་སྤེལ་དགོས་པའི་བཀའ་རྒྱ་ཕེབས་དོན་ལྟར། འདི་ཚེས་ ༢༧ རེས་གཟའ་ཟླ་བ་ཉིན་གྱི་ཕྱི་དྲོ་ཚོུད་ ༥།༣༠ ཐོག་འདི་གའི་དགོན་པའི་མདུན་ཐང་དུ་མི་མང་རྣམས་ཚང་འཛོམས་ཐོག་དགེ་འདུན་པ་རྣམས་ནས་སྨོན་ལམ་གསོལ་འདེབས་ དང༌། མ་ཎི་གསོག་སྒྲུབ། མཆོད་མེ་འབུལ་ཡོད་པ་མ་ཟད། མར་མེ་ཁྲོམ་སྐོར་ཞུས་ཡོད། དེ་རྗེས་རྒྱ་གར་དཔོན་པོ་ B.M SINGH, MP (RAJYA SABHA) མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བལ་ཡུལ་མི་མང་ཆེད་སྐར་ ༡༥ རིང་སྨོན་ལམ་འདོན་ཡོད། འདི་མཉམ་འདྲ་དཔར་ཆབས་འབུལ་ཞུས་ཡོད།


    ལ་དྭགས་བྷུཏ་བྷི་ཧར་གནས་སྡོད་མི་མང་ནས་དགོན་པའི་ནང་ཚང་འཛོམས་ཀྱིས་ཚོུད་གཅིག་རིང་བསྔོ་སྨོན་དང་གསོལ་འདེབས་ཀྱི་ལས་དོན་སྤེལ་གནང་ཡོད། འདི་ནས་ལྡི་ལི་ཁུལ་ལས་ཁུངས་དང་ཚོགས་སྡེ་ཁག་ལ་གློག་འཕྲིན་བརྒྱུད་གསལ་བསྒྲགས་ཕུལ་ཡོད་པས་ཞལ་འདེབས་བསྡུ་རུབ་ཀྱིས་མགྱོགས་མྱུར་འབུལ་རྒྱུ་ཡིན་འདུག་པ་བཅས།།
    བོད་མིའི་སྒྲིག་འཛུགས་དྲ་བ་ནས།།