ཁ་ སང་ བྱང་ ཁཱ་ རོ་ ལི་ ཎ་ མངའ་ སྡེའི་ ཁྲིམས་ ཁང་ གིས་ ཨ་ རིའི་ གསང་ བའི་ ལས་ ཁུངས་ ཀྱི་ འགན་ འཛིན་ ཟུར་ པ་ ཌ་ ཝུ་ ཌེ་ པེ་ ཌར་ སེ་ ལ་ ལོ་ གཉིས་ ཀྱི་ བཙོན་ འཇུག་ ཁྲིམས་ ཐག་ བཅད་ འདུག
ཁ་ སང་ ཨ་ རིའི་ བྱང་ ཁཱ་ རོ་ ལི་ ཎ་ མངའ་ སྡེའི་ ཅར་ ལོ་ ཌེ་ (Charlotte) གྲོང་ ཁྱེར་ གྱི་
ཁྲིམས་ དཔོན་ ཌ་ ཝུ་ ཌེ་ ཀེ་ སི་ ལར་ (David Keesler) གྱིས་ རོའུ་ ཊར་ གསར་ ལམ་ ཐོག “ཐོག་ མར་ ཆེས་ མཐོའི་ ཁྲིམས་ ཁང་ གིས་ ཌ་ ཝུ་ ཌེ་ པེ་ ཌར་ སེ་ ལགས་ སུ་ ཨ་ སྒོར་ ༤༠༠༠༠ ཡི་ ཉེས་ ཆད་ གཅོད་ རྒྱུ་ བྱས་ ཡོད་ ཀྱང་ ། ཁོང་ གིས་ གཞུང་ གི་ ལས་ ཀར་ ཐལ་ སྐྱོན་ ཤུགས་ ཆེན་ ཤོར་ ནས་ གསང་ བ་ ཕྱི་ གྱར་ བྱས་ པའི་ བདེན་ དཔུང་ ཁུངས་ ཕེར་ བྱུང་ ཡོད་ སྟབས། ལོ་ གཉིས་ ཀྱི་ དུས་ བཀག་ བཙོན་ འཇུག་ དང་ ཨ་ སྒོར་ འབུམ་ གཅིག་ གི་ ཆད་ པ་ གཅོད་ རྒྱུའི་ ཐག་ གཅོད་ བྱས་ པ་ རེད།”ཅེས་ བརྗོད་ འདུག
ཌ་ ཝུ་ ཌེ་ པེ་ ཌར་ སེ་ ལགས་ ཀྱི་ དག་ སེལ་ ཁྲིམས་ རྩོད་ པ་ ཁཱན་ ཌལ་ (David Kendall) གྱིས། “ཁྲིམས་ ཁང་ གིས་ ཌ་ ཝུ་ ཌེ་ པེ་ ཌར་ སེ་ ཡིས་ རྒྱལ་ ཁབ་ ཀྱི་ གསང་ བ་ ཕྱི་ གྱར་ བྱས་ ཚུལ་ བརྗོད་ ཡོད་ ཀྱང་ ། ཁོང་ གི་ རང་ རྣམ་ ནང་ གསང་ བའི་ གནས་ ཚུལ་ གང་ ཡང་ འཁོད་ མེད་ སྟབས། ངའི་ གྱོད་ ཡར་ ཁྲིམས་ ཐག་ དེ་ འདྲ་ གཅོད་ དགོས་ དོན་ གང་ ཡང་ ཆགས་ མེད།”ཅེས་ བརྗོད་ འདུག
ཟླ་ འདིའི་ ཚེས་ ༢༣ ཉིན་ དབྱིན་ ཡུལ་ ཆ་ འཕྲིན་ དང་ རོའུ་ ཊར་ གསར་ ལམ་ ཐོག་ གནས་ ཚུལ་ སྤེལ་ དོན་ ལྟར་ ན། ལོ་ ན་ ༦༢ ལ་ སོན་ པའི་ ཌ་ ཝུ་ ཌེ་ པེ་ ཌར་ སེ་ ལགས་ ནི། ཨ་ རིའི་ པིན་ སེ་ ཌོན་ གཙུག་ ལག་ སློབ་ ཆེན་ གྱི་ འབུམ་ རམས་ པ་ དང་ གྱེན་ ལོག་ ཤོག་ ཁག་ གི་ གནད་ དོན་ ཆེད་ མཁས་ པ་ ཡིན་ སྟབས། དེ་ སྔོན་ ཁོང་ གིས་ ཨི་ རག་ དང་ ཨབ་ གྷན་ ནང་ རྟེན་ གཞི་ བྱས་ པའི་ ཨ་ རིའི་ དམག་ དཔུང་ གི་ བཀོད་ དོམ་ དམག་ སྤྱི་ བྱས་ ཏེ། དྲག་ སྤྱོད་ པ་ རྩ་ མེད་ བཟོ་ རྒྱུའི་ ལས་ འགན་ ཡག་ པོ་ བསྒྲུབས་ ནས་ ཨ་ རིར་ ཕྱིར་ ལོག་ དང་ འབྲེལ་ ཨ་ རིའི་ གསང་ བའི་ ལས་ ཁུངས་ ཀྱི་ འགན་ འཛིན་ བྱས་ ཡོད་ འདུག
གནས་ ཚུལ་ དེའི་ ནང་ མུ་ མཐུད་ དུ། ༢༠༡༢ ལོའི་ ཟླ་ ༡༡ ནང་ ཨ་ རིའི་ དབུས་ གཞུང་ ཉུལ་ ཞིབ་ ཁང་ (FBI) ཟེར་ བས་ ཁོང་ དང་ ཁོང་ གི་ རང་ རྣམ་ (All In: The Education of General David Petraeus) ཞེས་ པ་ འབྲི་ མཁན་ ཧྥོ་ ལཱ་ བྷོར་ ཌེ་ ཝལ་ ལགས་ དང་ ལུས་ འབྲེལ་ བྱུང་ ཡོད་ པ་ མ་ ཟད། ཁོ་ མོར་ ཨ་ རིའི་ གསང་ གནས་ དང་ མཉམ་ འབྲེལ་ དམག་ ཇུས། ཁོང་ དང་ སྲིད་ འཛིན་ ཨོ་ བྷ་ མ་ དང་ ཨ་ རིའི་ བདེ་ སྲུང་ ལྷན་ ཚོགས་ བཅས་ བར་ གྱི་ གྲོས་ བསྡུར་ བྱས་ པའི་ ཟིན་ བྲིས་ དེབ་ ཅིག་ བསྟན་ པ་ སོགས་ ར་ སྤྲོད་ བྱུང་ ཡོད་ སྟབས། ལས་ གནས་ ནས་ དགོངས་ པ་ ཞུ་ བཅུག་ པ་ མ་ ཟད། ཁ་ སང་ ཨ་ རིའི་ ཁྲིམས་ ཁང་ གིས་ ཁོང་ གི་ བྱས་ ཉེས་ ལ་ ལོ་ གཉིས་ ལྷག་ བརྟག་ དཔྱད་ བྱས་ ཏེ། ཁོང་ ལ་ ལོ་ གཉིས་ ཀྱི་ བཙོན་ འཇུག་ ཁྲིམས་ ཐག་ བཅད་ ཡོད་ སྟབས། ཁོང་ གིས་ བརྩེ་ བའི་ དགའ་ པོ་ ཉེ་ པོ་ དང་ ལས་ རོགས་ ཚོར་ དགོངས་ པ་ མ་ ཚོམ་ ཞེས་ བརྗོད་ ཡོད་ སྐོར་ སོགས་ བཀོད་ འདུག
དེ་ རིང་ གསང་ དོན་ དཔེ་ སྐྲུན་ ཁང་ (WikiLeaks) ཞེས་ པ་ གསར་ འཛུགས་ བྱེད་ མཁན་ ཨོ་ སི་ ཊོ་ ལི་ ཡའི་ མི་ སེར་ ཇུ་ ལེན་ ཨ་ སན་ ཇེ་ (Julian Assange) ཡི་ མགྲིན་ ཚབ་ ཁྲིམས་ རྩོད་ པ་ མེ་ ཁཱལ་ (Michael Ratner) གྱིས་ རྒྱ་ གར་ དུས་ བབ་ ཐོག ཨ་ རིའི་ གཞུང་ གིས་ རྒྱལ་ ཁབ་ ཀྱི་ གསང་ བ་ ཕྱིར་ གྱར་ བྱེད་ མཁན་ ལ་ ཉེས་ པ་ ཡང་ མོ་ དེ་ འདྲ་ ཞིག་ བཅད་ པ་ དེ་ ནི་ ལག་ མགོར་ ཐལ་ ལྕག་ ཞུས་ པ་ ཙམ་ ཞིག་ ལས་ གཞན་ ངེས་ པ་ རྙེད་ པའི་ ཐག་ གཅོད་ གང་ ཡང་ བྱས་ མི་ འདུག་ ཅེས་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

