ཟླ་ འདིའི་ ཚེས་ ༡༧ ཉིན་ གྱི་ མཚན་ མོའི་ ཆུ་ ཚོད་ ༡༡།༣༠ ཙམ་ ལ་ རྔ་ པ་ རྫོང་ ཐོག་ ནས་ རྒྱ་ གཞུང་ གིས་ རྩོམ་ པ་ པོ་ བློ་ མིག་ ལགས་ འཛིན་ བཟུང་ བཙན་ ཁྲིད་ བྱས་ ཡོད་ པ་ དང་ ། དེའི་ རྗེས་ ཁོང་ གར་ ཡོད་ ཅི་ ཆགས་ ཀྱི་ གནས་ ཚུལ་ ཤེས་ རྟོགས་ མེད་ པ་ ཆགས་ ཡོད་ འདུག
དངོས་ མིང་ ལ་ ཇོ་ འཇམ་ དབྱངས་ དང་ ཡོངས་ གྲགས་ སུ་ བློ་ མིག་ ཏུ་ འབོད་ པ་ ཁོང་ རྒྱ་ གཞུང་ གིས་ འཛིན་ བཟུང་ བྱེད་ དོན་ ཁ་ གསལ་ མེད་ ཀྱང་ ། ཁོང་ འཛིན་ བཟུང་ རྗེས་ རྩོམ་ པ་ པོ་ ༢༠ ལྷག་ གིས་ ཁོང་ གི་ སྐོར་ ལ་ རྩོམ་ ཡིག་ བྲིས་ ཡོད་ པ་ དག་ དང་ འབྲེལ་ ཡོད་ ཚོས་ ཚོད་ དཔག་ བྱས་ པ་ ལྟར་ ན། ཁོང་ གིས་ དེ་ སྔོན་ ༢༠༠༨ ལོའི་ ཞི་ རྒོལ་ དང་ རང་ ལུས་ མེར་ བསྲེགས་ ཀྱི་ རྒྱབ་ ལྗོངས། ཁོར་ ཡུག་ གཏོར་ བཅོམ་ དང་ སྨྲ་ བརྗོད་ རང་ དབང་ སོགས་ ཀྱི་ ཐད་ རྒྱ་ གཞུང་ ལ་ ཐེར་ འདོན་ རྩོམ་ ཡིག་ བྲིས་ ཤིང་ ། བགྲོ་ གླེང་ དང་ གཏམ་ བཤད་ སྔ་ ཕྱི་ མང་ པོར་ བྱས་ པའི་ རྐྱེན་ གྱིས་ ཡིན་ པར་ ངོས་ འཛིན་ བྱེད་ ཀྱི་ ཡོད་ འདུག
རང་ ལོ་
༢༧ ཡིན་ པའི་ རྩོམ་ པ་ པོ་ ཁོང་ ནི་ ཨ་ མདོ་ རྔ་ པ་ རྨེའུ་ རུ་ མའི་ རུ་ ཆེན་ གསུམ་ པའི་ ཇོ་ ཚང་ གི་ ཡིན་ ཞིང་ ། ཕ་ མིང་ ལ་ རྡོར་ ཁོ་ དང་ མ་ མིང་ ལ་ འཛམ་ དཀར་ ཟེར་ གྱི་ ཡོད་ འདུག ལོ་ དྲུག་ གི་ སྟེང་ རྔ་ པ་ ཀིརྟི་ དགོན་ པར་ གྲྭ་ པ་ བྱས་ ཤིང་ ། ཀིརྟིའི་ ནང་ བསྟན་ གཞོན་ ནུའི་ སློབ་ གྲྭར་ ཞུགས་ ཏེ་ སློབ་ སྦྱོང་ རྒྱུན་ སྐྱོང་ བྱེད་ བཞིན་ པའི་ སྐབས་ སུ་ རྒྱ་ གཞུང་ གིས་ གྲྭ་ ཕྲུག་ བདུན་ བརྒྱ་ ལྷག་ ཡོད་ པའི་ ནང་ བསྟན་ གཞོན་ ནུའི་ སློབ་ གྲྭ་ སྒོ་ བརྒྱབ་ རྗེས། རྔ་ པ་ ཀིརྟི་ དགོན་ པ་ གཙོས་ བྱས་ ཏེ་ བྲག་ མགོ་ དགོན་ དང་ རེབ་ སྐོང་ ། བླ་ རུང་ སྒར་ སོགས་ ནས་ ནང་ ཆོས་ དང་ རྩོམ་ རིག་ སོགས་ ལ་ སློབ་ སྦྱོང་ གནང་ ཡོད་ པ་ དང་ ། ད་ སྐབས་ རྔ་ པ་ ཀིརྟི་ དགོན་ པའི་ ཕར་ ཕྱིན་ འཛིན་ གྲྭ་ ཡིན་ འདུག
༢༧ ཡིན་
༢༠༡༠ ལོར་ ༼ན་ བུན་ སེར་ པོའི་ འཕྱུར་ སྟངས།༽ཟེར་ བའི་ དེབ་ ཅིག་ བརྩམས་ ནས་ ཟི་ ལིང་ ནས་ དཔར་ བསྐྲུན་ བྱས་ འདུག དེ་ མིན་ བོད་ ནང་ གི་ མཆོད་ མེ་ དྲ་ བ་ དང་ སེང་ རྡོར་ དྲ་ བ། མཚོ་ སྔོན་ པོ་ ཟིན་ བྲིས་ སོགས་ སུ་ ཆེད་ རྩོམ་ མང་ པོ་ སྤེལ་ མྱོང་ ཡོད་ འདུག ལྷག་ པར་ ཉེ་ ཆར་ ཁོང་ གིས་ ༼ལྕགས་ སྒྲོག་ གིས་ བཀྱིགས་ པའི་ གཏམ་ རྒྱུད།༽ ༼རྔ་ པའི་ ཡི་ གེ་ བ་ དག་ ལ་ མཚོན་ གྱིས་ བསྣུན་ གྱིན་ ཡོད།༽ ༼ང་ མ་ ཤི་ བར་ དུ་ ལྟ་ ཚུལ་ བཤད་ ཁོ་ ཐག་ ཡིན།༽ ཟེར་ བ་ སོགས་ ཀྱི་ རྩོམ་ ཡིག་ སྤེལ་ ཡོད་ འདུག
དམིགས་ བསལ་ བོད་ ནང་ གི་ རྩོམ་ པ་ པོ་ སྒོ་ ཤེར་ དང་ སེང་ རྡོར། དགུ་ རུང་ སྤུན་ གྲོལ། ཞོགས་ ལྗང་ སོགས་ དང་ ལྷན་ དུ་ ༼ཟི་ ལིང་ གཟའ་ ཉི་ མའི་ ཁ་ བརྡ།༽ སོགས་ ཀྱིས་ མཚོན་ པའི་ མཚོ་ སྔོན་ དགེ་ འོས་ སློབ་ ཆེན་ སོགས་ ནས་ བགྲོ་ གླེང་ མང་ པོ་ བྱས་ མྱོང་ ཡོད་ འདུག མ་ ཟད་ ཐོག་ དང་ པོར་ རྔ་ པ་ རང་ ནས་ ཀྱང་ ༼རང་ གྲོལ་ བསྐྱར་ ཞིབ་ ༽དང་ ༼གཟའ་ ཉི་ མའི་ ཁ་ བརྡ།༽ ཟེར་ བའི་ བགྲོ་ གླེང་ གསར་ འཛུགས་ བྱས་ ཏེ། གཞོན་ སྐྱེས་ མང་ པོར་ ཤུགས་ རྐྱེན་ ཆེན་ པོ་ ཐེབས་ ཡོད་ འདུག རྨེའུ་ རུ་ མ་ ནས་ ཀྱང་ ༼སྨྲ་ བརྗོད་ མེད་ པའི་ འུ་ ཅག་ ༽ཟེར་ བའི་ དམངས་ ཚོགས་ དང་ མཉམ་ དུ་ བགྲོ་ གླེང་ ཞིག་ གོ་ སྒྲིག་ བྱས་ ཡོད་ འདུག གོང་ གི་ གནས་ ཚུལ་ གཏོང་ མཁན་ རྨེའུ་ དཀོན་ རྒྱམ་ ཡིན།
དུས་བབ་དྲ་བ་ནས།།

.jpg)