རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བྷོ་ཊའི་སྐད་ཡིག་རྒྱ་གར་རྩ་ཁྲིམས་ནང་ཚུད་དགོས།

དེ་རིང་ལ་དྭགས་རྒྱལ་ས་སླེ་རུ་སློབ་ཕྲུག་བདུན་སྟོང་ལྷག་གིས་བྷོ་ཊའི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་བརྒྱད་པའི་ནང་ཚུད་དགོས་པའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག
འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དེ་རིང་ཚེས་ ༡༤ ཉིན་ཏེ་རྒྱ་གར་གྱི་སློབ་དཔོན་བིམ་རེའོ་ཨམ་བེཌ་ཀར་(Dr.Bhim Rao
Ambedkar)མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ་ལ་དྭགས་རྒྱལ་ས་སླེ་ནང་། སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་སློབ་ཕྲུག་བདུན་སྟོང་ལྷག་གིས་སླེའི་ངག་དབང་རྡོ་རྗེའི་སྟོབས་ལྡན་གྱི་དྲན་བརྟེན་སྐྱེད་ཚལ་ནས་སྤོ་ལོ་རྩེད་ཐང་བར། བྷོ་ཊའི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་བརྒྱད་པའི་ནང་ཚུད་དགོས་པའི་དགོས་འདུན་འོག རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག
ལས་འགུལ་དེའི་སྟེང་ལ་དྭགས་ནང་ཚོགས་ཀྱི་དབུ་འཛིན་སྐུ་ཞབས་ཚེ་དབང་འཕྲིན་ལས་ལགས་གཙོས་པའི་གནད་ཡོད་མི་སྣ་ཚོས་བྷོ་ཊའི་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་། སྐད་ཡིག་དེ་རྒྱ་གར་གྱི་རྩ་ཁྲིམས་ནང་འཇོག་དགོས་པའི་སྐོར་སོགས་ལ་གཏམ་བཤད་གནང་ཡོད་འདུག
དེ་རིང་གི་ལས་འགུལ་སྟེང་སློབ་ཕྲུག་ཚོས་བོད་ཡིག་དང་དབྱིན་ཡིག་སྐད་ཡིག་གཉིས་ནང་ཕྲེད་དར་དང་འབོད་ཚིག་འདྲ་མིན་བསྒྲགས་ཡོད་པའི་ནང་། རྒྱ་གར་གྱིས་མི་རིགས་དབྱེ་འབྱེད་དང་སྐད་ཡིག་རྩིས་མེད་གཏོང་མི་རུང་ཟེར་བ་དང་། བྷོ་ཊའི་སྐད་ཡིག་ནི་ལ་དྭགས་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་སྤྱིའི་སྲོག་གཙོ་ཡིན་ཟེར་བ། དེ་བཞིན། བྷོ་ཊའི་སྐད་ཡིག་ལ་དྭགས་ཀྱི་སྨ་ལྕེ་ཡིན། བྷོ་ཊའི་སྐད་ཡིག་ལ་དྭགས་ཀྱི་ངོ་རྟགས་ཡིན་ཟེར་བ་སོགས་འཁོད་ཡོད་འདུག
དེ་རིང་གི་ལས་འགུལ་དང་བསྟུན་ཏེ་སློབ་ཕྲུག་ ༢༠༠༠ ལྷག་གིས་བྷོ་ཊའི་སྐད་ཡིག་ཐོག་རྩོམ་ཡིག་འགྲན་བསྡུར་ཞིག་མགོ་འཛུགས་གནང་ཡོད་ཅིང་། རྩོམ་ཡིག་འགྲན་བསྡུར་གྱི་གྲུབ་འབྲས་དེ་བཞི་པའི་བཅོ་ལྔའི་ཉིན་གསལ་བསྒྲགས་དང་ཨང་ཐོབ་རྣམས་ལ་བྱ་དགའ་སྩོལ་རྒྱུ་ཡིན་འདུག
ལས་འགུལ་སྟེང་ལ་དྭགས་གཞོན་ནུའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་རྣམ་རྒྱལ་ལགས་ཀྱིས། སློབ་དོན་ཨམ་བེཌ་ཀར་གྱི་འཁྲུངས་སྐར་སྲུང་གཙི་གནང་དགོས་དོན་ནི། རྒྱ་གར་ནང་མི་རིགས་དབྱེ་འབྱེད་མི་བྱེད་པར་ཐོབ་ཐང་དང་བརྩི་བཀུར་འདྲ་མཉམ་ཡོད་དགོས་པ་དང་། ལ་དྭགས་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཡོངས་ལ་བྷོ་ཊའི་སྐད་ཡིག་གལ་ཆེན་ཆགས་ཡོད་སྐོར་སོགས་བརྗོད་ཡོད་འདུག དུས་བབ་དྲ་བ་ནས།།