ཁ་ སང་ ཨི་ རན་ གྱི་ སྲིད་ འཛིན་ ཧཱ་ སན་ གྱིས་ སྟོབས་ ལྡན་ རྒྱལ་ ཁབ་ ཁག་ གིས་ དཔལ་ འབྱོར་ ཉེས་ ཆད་ གཏོང་ མཚམས་ མ་ བཞག་ ཚེ་ རྡུལ་ ཕྲན་ མཚོན་ ཆའི་ སྔོན་ འགོག་ གྲོས་ མཐུན་ ལ་ མིང་ རྟགས་ འགོད་ རྒྱུ་ མིན་ སྐོར་ བརྗོད་ འདུག
ཟླ་ འདིའི་ ཚེས་ ༡༤ ཉིན་ ཨ་ རིའི་ སྲིད་ འཛིན་ ཨོ་ བྷ་ མས་ ཨི་ རན་ ལ་ དཔལ་ འབྱོར་
ཨི་ རན་ གྱི་ སྲིད་ འཛིན་ ཧཱ་ སན་ གྱིས་ ར་ ཤཱེ་ ཌི་ གྲོང་ ཁྱེར་ (Rasht) ནང་ སྐོང་ ཚོགས་ བྱས་ པའི་ རྒྱལ་ སྤྱིའི་ ལྷན་ ཚོགས་ ཤིག་ གི་ ཐོག “ཨ་ རིའི་ གྲོས་ ཚོགས་ གོང་ འོག་ གཉིས་ ཀྱི་ འཐུས་ མི་ དང་ དྲག་ སྤྱོད་ པ་ ཚོས་ དགོས་ འདུན་ ག་ རེ་ བཏོན་ པ་ ཡིན་ ནའང་ ། གནད་ དོན་ དེ་ ང་ ཚོ་ དང་ འབྲེལ་ བ་ གང་ ཡང་ མེད་ སྟབས། ང་ ཚོས་ ཨ་ རིར་ བཟང་ ཕྱོགས་ ཀྱི་ རྣམ་ འགྱུར་ བསྟན་ པར་ ཚུར་ བཟང་ ཕྱོགས་ ཀྱི་ ལན་ པོ་ སློག་ དགོས་ པ་ དང་ ། ལྷག་ པར་ དུ་ ད་ བར་ ཨི་ རན་ ལ་ དཔལ་ འབྱོར་ ཉེས་ ཆད་ བཅད་ པ་ དག་ ཆག་ ཡང་ མ་ བཏང་ ཚེ། མ་ འོངས་ པར་ ཨི་ རན་ གྱིས་ རྡུལ་ ཕྲན་ སྔོན་ འགོག་ གི་ གྲོས་ མཐུན་ ལ་ མིང་ རྟགས་ འགོད་ རྒྱུ་ མིན”ཞེས་ དང་ །ཨི་ རན་ གྱི་ སྙན་ གྲགས་ ཅན་ གྱི་ ཆབ་ སྲིད་ པ་ ཨཱ་ ཡ་ ཌོ་ ལཱ་ (Ayatollah Ali Khamenei) ཡིས། “སྟོབས་ ལྡན་ རྒྱལ་ ཁབ་ ཁག་ གིས་ ཨི་ རན་ ལ་ དཔལ་ འབྱོར་ ཉེས་ ཆད་ གཏོང་ མཚམས་ མ་ བཞག་ ཚེ། རྡུལ་ ཕྲན་ སྔོན་ འགོག་ གི་ གྲོས་ ཆོད་ འཇོག་ རྒྱུ་ མིན”ཞེས་ བརྗོད་ འདུག
ཨ་ རིའི་ ཕྱི་ སྲིད་ དྲུང་ ཆེ་ ཇོན་ ཁེ་ རི་ ཡིས་ འཇར་ མན་ ནང་ ཚོགས་ འཆར་ ཡོད་ པའི་ རྒྱལ་ སྤྱིའི་ རྒྱལ་ ཁབ་ བདུན་ གྱི་ ཕྱི་ སྲིད་ བློན་ ཆེན་ གྱི་ བཞུགས་ མོལ་ ཚོགས་ འདུར་ བཅར་ སྐབས་ ཁོང་ གིས། “འཛམ་ གླིང་ སྟོབས་ ལྡན་ རྒྱལ་ ཁབ་ ཁག་ གིས་ མ་ འོངས་ པར་ ཟླ་ གཉིས་ ལྷག་ རིང་ ཨི་ རན་ དང་ གྲོས་ མོལ་ བྱས་ ཏེ། རྡུལ་ ཕྲན་ སྔོན་ འགོག་ གྲོས་ ཆོད་ འཇོག་ ཐབས་ བྱ་ རྒྱུ་ ཡིན་ སྟབས། སྲིད་ འཛིན་ ཨོ་ བྷ་ མས་ གྲོས་ ཚོགས་ འཐུས་ མི་ ཚོ་ དང་ གྲོས་ མོལ་ གནང་ སྟེ། གྲོས་ མཐུན་ འདིར་ རྒྱབ་ སྐྱོར་ འཐོབ་ རྒྱུར་ ཡིད་ ཆེས་ བྱེད་ བཞིན་ ཡོད”ཅེས་ བརྗོད་ འདུག
ཟླ་ འདིའི་ ཚེས་ ༡༥ ཉིན་ རོའུ་ ཌར་ དང་ ཧིན་ དྷུ་ སི་ ཐན་ དུས་ བབ་ ཐོག་ གནས་ ཚུལ་ སྤེལ་ དོན་ ལྟར་ ན། ཨོ་ བྷ་ མས་ སྲིད་ འཛིན་ གྱི་ དུས་ ཡུན་ ནང་ ཨི་ རན་ གྱིས་ རྡུལ་ ཕྲན་ མཚོན་ ཆ་ བཟོ་ སྐྲུན་ བྱ་ རྒྱུར་ སྔོན་ འགོག་ གི་ གྲོས་ ཆོད་ ཅིག་ འཇོག་ རྒྱུར་ འབད་ བརྩོན་ རིམ་ པ་ བྱས་ ཡོད་ ཀྱང་ དོན་ ཕན་ སོན་ པའི་ གྲུབ་ འབྲས་ གང་ ཡང་ ཐོན་ མེད་ སྟབས། ༢༠༡༢ ལོ་ ནས་ བཟུང་ ཨ་ རི་ དང་ ཡུ་ རོབ་ མཐུན་ ཚོགས་ ཀྱིས་ དཔལ་ འབྱོར་ ཉེས་ ཆད་ ལྕི་ རུ་ བཏང་ སྟེ། དེ་ སྔོན་ ཨི་ རན་ གྱིས་ ཉིན་ གཅིག་ ལ་ རྡོ་ སྣུམ་ བྷེ་ རལ་ (barrels) ས་ ཡ་ གཅིག་ དང་ ཕྱེད་ ཀ་ ཕྱིར་ ཚོང་ བྱེད་ བཞིན་ པ་ ཉུང་ དུ་ བཏང་ ནས་ ས་ ཡ་ གཅིག་ ལས་ བཙོང་ མི་ ཆོག་ པ་ བཟོས་ ཏེ། ཡུལ་ དེའི་ དཔལ་ འབྱོར་ འཕེལ་ རྒྱས་ ལ་ ཚོད་ འཛིན་ བྱས་ ཡོད།

དེ་ རིང་ རྒྱལ་ སྤྱིའི་ རྡུལ་ ཕྲན་ མཚོན་ ཆའི་ གནད་ དོན་ ཆེད་ མཁས་ པ་ ཝུ་ ཎར་ ལགས་ ཀྱིས་ དབྱིན་ ཡུལ་ གྱི་ (The Guardian) ཐོག སྟོབས་ ལྡན་ རྒྱལ་ ཁབ་ ཁག་ གིས་ རྡུལ་ ཕྲན་ སྔོན་ འགོག་ གི་ གྲོས་ མོལ་ འདི་ བརྒྱུད་ ཨི་ རན་ ལ་ དཔལ་ འབྱོར་ ཉེས་ ཆད་ གཏོང་ མཚམས་ མ་ བཞག་ ཚེ། མ་ འོངས་ པར་ གྲོས་ ཆོད་ འཇོག་ ཐུབ་ ཀྱང་ ཕན་ འབྲས་ འཐོན་ རྒྱུ་ ཁག་ པོ་ ཆགས་ ཡོད་ ཅེས་ དང་ ། ཨ་ རིའི་ དམངས་ གཙོ་ ཚོགས་ པའི་ གྲོས་ ཚོགས་ འཐུས་ མི་ མོར་ ཧྥི་ (Chris Murphy) ཡིས། ཁ་ ཉིན་ གཞུང་ གིས་ གྲོས་ ཚོགས་ ནང་ ཨི་ རན་ གྱི་ རྡུལ་ ཕྲན་ མཚོན་ ཆ་ སྔོན་ འགོག་ བྱ་ རྒྱུའི་ ཐོག་ ཚོར་ ཤུགས་ དྲག་ པོས་ གླེང་ སློང་ བྱས་ པ་ དེས། ད་ ལྟ་ འགྲོ་ བཞིན་ ཡོད་ པའི་ གྲོས་ མོལ་ ལ་ འགོག་ རྐྱེན་ ཐེབས་ མི་ སྲིད་ པ་ མ་ ཟད། དེ་ ལས་ ལྡོག་ སྟེ་ བཟང་ ཕྱོགས་ ཀྱི་ འགྱུར་ བ་ ཞིག་ འབྱུང་ སྲིད་ པ་ རེད་ ཅེས་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།