ཕྱི་ ཕྱོགས་ ཀྱི་ གསར་ ལམ་ ཁག་ ཏུ་ ཀྲུའུ་ ཡོན་ ཁཱང་ ལ་ སྔ་ རྗེས་ ཐེངས་ ཉེར་ བདུན་ ཙམ་ ལ་ འདྲི་ གཅོད་ བྱས་ ཡོད་ པ་ དང་ ། ཁོས་ རང་ སྲོག་ ཆད་ མི་ ཡོང་ ཐབས་ ལ་ ཐེངས་ བདུན་ ཙམ་ ལ་ པུས་ མོ་ སར་ བཙུགས་ ཏེ་ ཞུ་ བ་ བྱས་ ཡོད་ སྐོར་ བཀོད་ འདུག
ཁ་ སང་ ཀྲུང་ གོར་ ལྟ་ བ་ ཞེས་ པའི་ དྲ་ ཚིགས་ ཀྱིས་ ཉིན་ འགའི་ སྔོན་ གྱི་ ཧོང་ ཀོང་ གི་ དུས་ དེབ་ ཅིག་ གི་ སྟེང་ དུ་ ༼ཀྲུའུ་ ཡོན་ ཁཱང་ གིས་ ཉེས་ པ་ ངོས་ ལེན་ བྱས་ ཏེ་ སྲོག་
ཀྲུའུ་ ཡོན་ ཁཱང་ ཆེས་ མཐའ་ མཇུག་ ཕྱི་ ལ་ ཐོན་ པ་ ནི་ ༢༠༡༣ ལོའི་ ཟླ་ ༡༠ ཚེས་ ༡ ཉིན་ ཁོའི་ མ་ ཡུམ་ སློབ་ གྲྭའམ་ རྒྱ་ ནག་ རྡོ་ སྣུམ་ སློབ་ ཆེན་ གྱི་ མཛད་ སྒོའི་ སྟེང་ ཞུགས་ པ་ དེ་ ཡིན་ པ་ དང་ ། སྐབས་ དེའི་ ཀྲུའུ་ ཡོན་ ཁཱང་ གི་ གཏམ་ བཤད་ ནང་ ། དེ་ རེབ་ ཀྱི་ འདི་ ནི་ ཕལ་ ཆེར་ མ་ ཡུམ་ སློབ་ གྲྭ་ ཕྱིར་ ཡོང་ ནས་ ཚང་ མ་ ཐུག་ འཕྲད་ བྱས་ པ་ མཐའ་ མ་ དེ་ ཡིན་ སྲིད། ཅེས་ བརྗོད་ ཡོད་ འདུག དེའི་ དགོང་ མོར་ ཀྲུའུ་ ཡོན་ ཁཱང་ དང་ རོགས་ པ་ ༢༠ ལྷག་ གིས་ ཨ་ རག་ འཐུང་ རྗེས་ ཡང་ བསྐྱར་ ཕྱིར་ ཅིན་ ལིན་ (JingLing) སྒེར་ གྱི་ སྤྲོ་ ཚོམས་ ཁང་ དུ་ ཕྱིན་ ཏེ། རང་ ཉིད་ ཀྱི་ གཟུགས་ པོར་ དོ་ སྣང་ མ་ སྤྲད་ པར་ རྗེས་ སུ་ ནད་ གཞི་ ཕོག་ སྟེ་ དམག་ མིའི་ སྨན་ ཁང་ ནས་ ཉིན་ གསུམ་ སྡོད་ དགོས་ བྱུང་ པ་ དང་ ། ཟླ་ དེའི་ ཟླ་ དཀྱུལ་ བར་ ཁོ་ ལ་ འགྲོ་ འདུག་ དང་ བྱ་ འགུལ་ ལ་ ཚོད་ འཛིན་ བྱས་ ཏེ་ བཀག་ ཉར་ འོག་ བཞག་ ཡོད་ འདུག རྗེས་ སུ་ ༢༠༡༤ ལོའི་ ཟླ་ ༧ ཚེས་ ༢༩ ཉིན་ གྱོད་ དོན་ ཞིབ་ བཤེར་ དང་ ། ཕྱི་ ཟླ་ ༡༢ ཚེས་ ༥ ཉིན་ ཁྲིམས་ འཛིན་ ལྷན་ ཁང་ གིས་ དངོས་ སུ་ འཛིན་ བཟུང་ ཁྱབ་ བསྒྲགས། ད་ ལོའི་ ཕྱི་ ཟླ་ ༤ ཚེས་ ༣ ལ་ ཞུ་ གཏུག་ སོགས་ བྱས་ ཡོད་ པ་ རེད།
ཀྲུའུ་ ཡོན་ ཁཱང་ གི་ གྱོད་ དོན་ ལ་ ཞིབ་ བཤེར་ ནས་ ཞུ་ གཏུག་ བར་ གྱི་ ཟླ་ ༩ ཡི་ རིང་ ཁོས་ ནུས་ ཤུགས་ ཡོད་ ཚད་ ཀྱིས་ འཕག་ འཚག་ མང་ པོ་ བརྒྱབས་ ཏེ། ཟས་ བཅད་ ངོ་ རྒོལ་ བྱས་ པ་ དང་ རང་ སྲོག་ གཅོད་ རྩིས་ བྱས་ པ། འཛིན་ བཟུང་ ཡི་ གེ་ སྟེང་ མིང་ རྟགས་ མ་ བཀོད་ པ་ དང་ ། བར་ སྐབས་ ཞིག་ ཁོར་ སྙིང་ གཞི་ ཕོག་ པའི་ འཁྲབ་ སྟོན་ མང་ པོ་ བྱས་ ཡོད་ ཀྱང་ ། མཇུག་ མཐར་ ཁོས་ ཞུ་ བ་ བྱས་ ཏེ་ ཚེ་ སྲོག་ སྲུང་ སྐྱོབ་ བྱ་ རྒྱུ་ དེ་ བདམས་ ཡོད་ འདུག
ཧོང་ ཀོང་ གི་ བརྒྱུད་ ལམ་ ཞིག་ གིས་ གནས་ ཚུལ་ སྤེལ་ པ་ ལྟར་ ན། ཕྱི་ ཟླ་ ༡ པའི་ ཚེས་ ༡༩ ཉིན་ ནས་ ཕྱི་ ཟླ་ ༣ པའི་ ཟླ་ སྟོད་ བར་ ཀྲུའུ་ ཡོན་ ཁཱང་ ལ་ འདྲི་ གཅོད་ ཐེངས་ ༢༧ ཙམ་ བྱས་ ཡོད་ པ་ དང་ ། འདྲི་ གཅོད་ ཀྱི་ ཆུ་ ཚོད་ ༡༡༢ བྱས་ པའི་ རིང་ ཀྲུའུ་ ཡོན་ ཁཱང་ ལ་ གྱོད་ དོན་ ༢༢ ཙམ་ རྩིས་ སྤྲོད་ བྱས་ ཡོད་ པ་ དང་ ། གྱོད་ དོན་ དེ་ དག་ ལ་ བདེན་ དཔང་ ཡོད་ པ་ རྐྱང་ རྐྱང་ ཡིན་ སྟབས། གལ་ སྲིད་ ཁྲིམས་ ལྟར་ ཐག་ གཅོད་ བྱས་ ན་ ཀྲུའུ་ ཡོན་ ཁཱང་ ལ་ ཚེ་ བཙོན་ དང་ ། ཡང་ ན་ སྲོག་ ཆད་ གཏོང་ རྒྱུ་ ལས་ ལམ་ ཁ་ གཞན་ མེད་ པ་ ཆགས་ ཡོད་ འདུག ཀྲུའུ་ ཡོན་ ཁཱང་ གིས་ ཀྱང་ ཁོ་ རང་ ཉིད་ ལ་ སྲོག་ ཁྲིམས་ འབབ་ པ་ ཚོར་ ཏེ། རྒྱ་ ནག་ ཆེ་ མཐོའི་ ཞིབ་ བཤེར་ ལྷན་ ཁང་ གི་ འགན་ འཛིན་ གཞོན་ པ་ ཧོ་ ཙི་ ཅོན་ (Hu zejun) གྱིས་ འདྲི་ གཅོད་ བྱེད་ སྐབས་ ཁོས་ ཐེངས་ ༧ ལ་ པུས་ མོ་ སར་ བཙུགས་ ཏེ་ སྲོག་ ཁྲིམས་ གུ་ ཡངས་ ཡོང་ བའི་ ཞུ་ བ་ བྱས་ འདུག ཅེས་ བརྗོད་ འདུག
ཧོང་ ཀོང་ ཤར་ ཕྱོགས་ ཉིན་ རེ་ གསར་ ཁང་ གིས་ གཞན་ གྱི་ དཔྱད་ བརྗོད་ ལུང་ འདྲེན་ བྱས་ པ་ ལྟར་ ན། པའོ་ ཞི་ ལེ་ ཡིས་ དབང་ ཆ་ སྒེར་ སྤྱོད་ ཚབས་ ཆེན་ བྱས་ སྟབས་ ཚེ་ བཙོན་ བྱས་ ཡོད་ པ་ དང་ ། ཀྲུའུ་ ཡོན་ ཁཱང་ གི་ གྱོད་ དོན་ ཞུ་ གཏུག་ ཐེངས་ གཉིས་ གླེང་ སྐབས་ “གནས་ སྟངས་ ཚབས་ ཆེན་ ” གླེང་ ཡོད་ པ་ དེས་ ཀྲུའུ་ ཡོན་ ཁཱང་ གི་ གྱོད་ དོན་ པའོ་ ཞི་ ལེ་ དང་ སྡུར་ ན་ ཧ་ ཅང་ ཚབས་ ཆེན་ ཡིན་ པ་ མཚོན་ ཐུབ་ པ་ དང་ ། ཕལ་ ཆེར་ ཀྲུའུ་ ཡོན་ ཁཱང་ ལ་ སྲོག་ ཆད་ གཏོང་ སྲིད། ཅེས་ བརྗོད་ འདུག
གསར་ འགོད་ པ། འཇིགས་ མེད་ རྒྱ་ མཚོ།
དུས་བབ་དྲ་བ་ནས།།

