འདས་ ལོར་ བོར་ བརླག་ ཏུ་ ཕྱིན་ པའི་ མཱ་ ལེ་ ཞི་ ཡའི་ འགྲུལ་ སྐྱེལ་ གནམ་ གྲུ་ དེ་ ད་ རུང་ རྙེད་ མེད་ སྟབས་ འདི་ ལོའི་ ཕྱི་ ཟླ་ ༥ པའི་ ཟླ་ མཇུག་ ནས་ བཟུང་ འཚོལ་ ཞིབ་ ཀྱི་ ས་ ཁྱོན་ ལྡབ་ གཅིག་ གིས་ ཆེ་ རུ་ གཏོང་ རྒྱུ་ ཡིན་ ལུགས་ བརྗོད་ འདུག
ཁ་ སང་ མཱ་ ལེ་ ཞི་ ཡའི་ རྒྱལ་ ས་ ཇེ་ ལུང་ པོ་ རུ་ བསྡུས་ པའི་ གསར་ འགོད་ ལྷན་ ཚོགས་ ཤིག་
གནམ་ གྲུ་ འཕུར་ སྐྱོད་ རྟོག་ ཞིབ་ མ་ ལག་ གི་ མཁོ་ འདོན་ གྲངས་ གནས་ ལྟར་ ན། ས་ ཁྱོན་ སྤྱི་ ལེ་ གྲུ་ བཞི་ མ་ ཁྲི་ ༦ ཙམ་ གྱི་ ནང་ ནས་ གནམ་ གྲུ་ དེ་ རྙེད་ སོན་ བྱུང་ སྲིད་ ལ། ད་ ལྟའི་ བར་ ཨོ་ སི་ ཊོ་ ལི་ ཡའི་ རྒྱ་ མཚོའི་ ཁུལ་ གྱི་ རྟོག་ ཞིབ་ ལས་ ཁུངས་ ཤིག་ གིས་ ས་ ཁོངས་ དེའི་ བརྒྱ་ ཆ་ ༦༠ ཙམ་ ལ་ འཚོལ་ ཞིབ་ བྱས་ ཚར་ བ་ དང་ ། ཟླ་ རྗེས་ མའི་ ཟླ་ མཇུག་ བར་ ས་ ཁུལ་ དེའི་ འཚོལ་ ཞིབ་ ལས་ གཞི་ ཡོངས་ སུ་ མཇུག་ སྒྲིལ་ ཐུབ་ པའི་ ཚོད་ དཔག་ བྱེད་ བཞིན་ ཡོད་ སྐོར་ བརྗོད་ འདུག
གསར་ འགོད་ ལྷན་ ཚོགས་ ཐོག ཨོ་ སི་ ཊོ་ ལི་ ཡའི་ སྲིད་ བློན་ གཞོན་ པ་ ཝཱ་ རིན་ ཊིར་ སི་ ལགས་ ཀྱིས། གལ་ སྲིད་ ཕྱི་ ཟླ་ ༥ པའི་ ཟླ་ མཇུག་ བར་ འགྲུལ་ སྐྱེལ་ གནམ་ གྲུ་ དེ་ མ་ རྙེད་ པ་ ཡིན་ ན། ད་ ལྟའི་ འཚོལ་ ཞིབ་ ཀྱི་ ས་ ཁྱོན་ ལྡབ་ གཅིག་ གིས་ ཆེ་ རུ་ བཏང་ སྟེ་ འདི་ ལོའི་ ལོ་ མཇུག་ བར་ མུ་ མཐུད་ འཚོལ་ ཞིབ་ བྱ་ རྒྱུ་ ཡིན་ ལ། འཚོལ་ ཞིབ་ ཀྱི་ ས་ ཁྱོན་ ཆེ་ རུ་ གཏོང་ བར་ ཁྱོན་ ཨ་ སྒོར་ ཁྲི་ ༣༥༠༠ ཡས་ མས་ འགྲོ་ རྒྱུ་ ཡིན་ སྟབས། ཨོ་ སི་ ཊོ་ ལི་ ཡ་ དང་ མཱ་ ལེ་ ཞི་ ཡ་ མཉམ་ འབྲེལ་ གྱིས་ འགན་ ལེན་ དགོས་ པ་ དང་ ། རྒྱལ་ ཁབ་ དེ་ གཉིས་ ནས་ ད་ ལྟའི་ བར་ འཚོལ་ ཞིབ་ ཆེད་ ཨ་ སྒོར་ ཁྲི་ ༨༦༠༠ བཏང་ ཡོད་ སྐོར་ བརྗོད་ འདུག
ཉེ་ སྔོན་ ཨོ་ སི་ ཊོ་ ལི་ ཡའི་ སྲིད་ བློན་ ཊོ་ ནི་ ཨ་ བྷོ་ ཊི་ (Tony Abbott)ལགས་ ཀྱིས་ གྲོས་ ཚོགས་ ནང་ ། གནམ་ གྲུ་ འཚོལ་ ཞིབ་ ཀྱི་ ནུས་ ཚད་ འདི་ འདྲ་ ཞིག་ གི་ ཐོག་ ནས་ མུ་ མཐུད་ དུ་ འཚོལ་ བྱེད་ པར་ ཁག་ ཐེག་ བྱེད་ མི་ ཐུབ་ ཀྱང་ ། ང་ ཚོས་ མུ་ མཐུད་ དུ་ གནད་ དོན་ འདིའི་ གསང་ གནས་ བརྟོལ་ ཏེ་ ལན་ ཞིག་ རག་ པར་ འབད་ བརྩོན་ ཆེན་ པོ་ བྱ་ རྒྱུ་ ཡིན། ཞེས་ བརྗོད་ འདུག
བོར་ བརླག་ ཏུ་ ཕྱིན་ པའི་ འགྲུལ་ སྐྱེལ་ གནམ་ གྲུ་ དེའི་ ནང་ ཁྱོན་ འགྲུལ་ བ་ ༢༣༩ ཡོད་ པ་ དང་ ། དེའི་ ནང་ རྒྱ་ ནག་ གི་ འགྲུལ་ བ་ ༡༥༣ ཡོད་ འདུག དང་ ཐོག་ མཱ་ ལེ་ ཞི་ ཡ་ དང་ རྒྱ་ ནག ཨོ་ སི་ ཊོ་ ལི་ ཡ་ བཅས་ ཀྱིས་ གཙོས་ རྒྱལ་ ཁབ་ མང་ པོས་ མཉམ་ ལས་ འཚོལ་ ཞིབ་ བྱས་ ཡོད་ པ་ མ་ ཟད། ཆེད་ མཁས་ པས་ གནམ་ གྲུའི་ འཁོར་ སྐར་ རྟོག་ ཞིབ་ འཕྲུལ་ ཆས་ ལ་ ཞིབ་ འཇུག་ བྱས་ པ་ བརྒྱུད། གནམ་ གྲུ་ དེས་ ཅི་ ཡིན་ འདི་ ཡིན་ མེད་ པར་ ཁ་ ཕྱོགས་ བསྒྱུར་ ཏེ། མཱ་ ལེ་ ཞི་ ཡའི་ ནུབ་ ངོས་ བརྒྱུད་ ཧིན་ རྡུ་ རྒྱ་ མཚོའི་ ལྷོ་ ཕྱོགས་ སུ་ འཕུར་ སྐྱོད་ བྱས་ ཡོད་ སྐོར་ གྱི་ བསྡོམས་ ཚིག་ བརྒྱབ་ ཡོད་ པ་ རེད།
དཔྱད་ ཞིབ་ པ་ འགའ་ རེས་ གནམ་ གྲུ་ དེ་ པཱ་ ཀི་ སི་ ཐན་ དང་ ཡང་ ན་ ཤིན་ ཅང་ གི་ མཐའ་ འཁོབ་ ཅིག་ ཏུ་ ཛ་ དྲག་ ངང་ འབབ་ དགོས་ བྱུང་ སྟེ། འཇིགས་ སྐུལ་ དྲག་ སྤྱོད་ པས་ བཙན་ ཁྲིད་ སྦས་ སྐོང་ བྱས་ ཡོད་ ལུགས་ དང་ ། ཡང་ འགའ་ རེས་ ཧིན་ རྡུ་ རྒྱ་ མཚོའི་ ནང་ ཟགས་ པའམ་ ཡང་ ན་ མི་ མེད་ ས་ སྟོང་ ཞིག་ ཏུ་ བརྡབ་ སྐྱོན་ བྱུང་ བ་ སོགས་ ཀྱི་ ཚོད་ དཔག་ བྱེད་ ཀྱི་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

