༸གོང་ ས་ མཆོག་ བྷི་ ཧཱར་ མངའ་ སྡེའི་ པཱ་ ཊི་ ན་ གྲོང་ ཁྱེར་ དུ་ འཚོགས་ འཆར་ ཡོད་ པའི་ ནང་ པའི་ ཚོཊ་ ཆེན་ སྟེང་ ཆིབས་ བསྒྱུར་ གནང་ རྒྱུ་ ཡིན་ པ་ མ་ ཟད། སྐབས་ དེར་ ཝ་ ཎ་ གཙུག་ ལག་ སློབ་ གྲྭར་ སྤྱོད་ འཇུག་ བཀའ་ ཁྲིད་ གནང་ རྒྱུ་ ཡིན་ འདུག
ཟླ་ འདིའི་ ཕྱི་ ཚེས་ ༥ ནས་ ༧ བར་ རྡོར་ གདན་ ནང་ པའི་ མཆོད་ རྟེན་ འཛིན་ སྐྱོང་ ལྷན་ ཚོཊ་ དང་ བྷིར་ ཧཱར་ མངའ་ སྡེའི་ སྒྱུ་ རྩལ་ དང་ རིག་ གཞུང་ ལས་ ཁུངས་ ཐུན་ མོང་ གི་ གོ་ སྒྲིག་ འོག བྷི་ ཧཱར་ མངའ་ སྡེའི་ གྲོང་ ཁྱེར་ པཱ་ ཊི་ ནར་ གསར་ བཞེངས་ བྱས་ ཡོད་ པའི་
ཐེངས་ འདིའི་ ཆོས་ ལུཊ་ ཚོགས་ ཆེན་ དེའི་ སྟེང་ ༸གོང་ ས་ མཆོག་ དབུ་ བཞུགས་ ཐོག་ རྒྱ་ གར་ དང་ ཐེ་ ལན་ ཌི། སིང་ གྷ་ ལ། ཉི་ ཧོང་ ། འབར་ མ། རྒྱ་ ནག་ སོཊ་ ནས་ ཆོས་ ལུཊ་ སྐུ་ ཚབ་ ༡༥༠༠ ལྷག་ འདུ་ འཛོམས་ གནང་ འཆར་ ཡོད་ ཅིང་ ། ཚོཊ་ འདུ་ ཚོཊ་ ཡུལ་ སྐྱེད་ མོས་ ཚལ་ དེ་ ཕྱི་ ལོ་ ༢༠༡༠ ལོར་ ༸གོང་ ས་ མཆོག་ གིས་ སྟོན་ པ་ མྱ་ ངན་ འདས་ ཏེ། མི་ ལོ་ ༢༥༠༠ འཁོར་ བའི་ དུས་ དྲན་ དང་ བསྟུན་ དབུ་ འབྱེད་ རབ་ གནས་ གནང་ ཡོད་ འདུག ཕྱི༌ཚེས་ ༤ ཉིན་ ༸གོང་ ས་ མཆོག་ གིས་ སྐྱེས་ མོས་ ཚལ་ དེར་ གསར་ དུ་ བཞེངས་ པའི་ སྟོན་ པའི་ སྐུ་ བརྙན་ ཞིག་ ལ་ རབ་ གནས་ གནང་ རྒྱུ་ ཡིན་ འདུག
ཐེངས་ འདིའི་ ཚོགས་ ཆེན་ མཇུག་ བསྒྲིལ་ རྗེས་ ཀྱི་ ཕྱི་ ཚེས་ ༧ ནས་ ༡༠ བར་ ༸གོང་ ས་ མཆོག་ གིས་ མུ་ མཐུད་ གནས་ མཆོག་ ཝ་ རཱ་ ཎ་ སིའི་ ཆེས་ མཐོའི་ བོད་ ཀྱི་ གཙུག་ ལག་ སློབ་ གཉེར་ ཁང་ དུ། རྒྱལ་ སྲས་ ཆེན་ པོ་ ཞི་ བ་ ལྷས་ མཛད་ པའི་ ༼སྤྱོད་ འཇུག༽བཀའ་ ཁྲིད་ གནང་ རྒྱུ་ དང་ ། ཕྱི་ ཟླ་ ༢ ཚེས་ ༢༥ ཉིན་ བཞུཊ་ སྒར་ ངྷ་ ས་ ཐེག་ ཆེན་ ཆོས་ གླིང་ གཙུག་ ལག་ ཁང་ དུ། མང་ ཚོགས་ ལ་ ༼སྐྱེས་ རབས༽བཀའ་ ཁྲིད་ གནང་ རྒྱུ་ ཡིན་ འདུག
གསར་ འགོད་ པ། དཔལ་ ལྡན།
དུས་བབ་དྲ་བ་ནས།
